ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཝིཏ་ནམ་གྱི་འབྲེལ་བ།


རང་ལོ་༧༡་ལ་སོན་པའི་ཝིཏ་ནམ་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཨང་དང་པོ་ཉོང་ཕུ་ཐེ་རོང་ལ་རྒྱལ་ཁབ་དེའི་སྲིད་གཞུང་གི་ནང་དུ་གོ་གནས་ཅི་ཡང་མེད་ཀྱང་། ཁོང་དུས་ཡུན་གཟའ་འཁོར་གཅིག་ལ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཏེ། གཟའ་མིག་དམར་ཉིན་སྤྱི་ཁྱབ་དྲུང་ཆེ་ཉོང་ཐུ་ཐེ་རོང་གིས་ཕོ་བྲང་དཀར་པོར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་བ་དང་། ཁོང་གིས་ཨ་མི་རི་ཀ་དང་ཝིཏ་ནམ་གྱི་དཔལ་འབྱོར་དང་ཕྱི་འབྲེལ། དམག་དོན་གྱི་འབྲེལ་བ་སོགས་ཡར་རྒྱས་གཏོང་རྒྱུ། སྔོན་ཆད་ཨ་མི་རི་ཀ་དང་ཝིཏ་ནམ་དགྲ་ཁ་གཏད་དུ་གྱུར་རུང་། ད་ལྟ་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་སླར་གསོ་བྱས་ནས་ལོ་༢༠་འཁོར་པ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན་ཞེས་གསར་འགོད་པ་ཚོར་གཏམ་བཤད་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG