ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལྕགས་རི་ཡལ་ཉེན་ཡོད་པ།


རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པར་གཞིགས་ན། རྒྱ་ནག་གི་མིང་རྒྱལ་རབས་སྐབས་སུ་གསར་དུ་བརྒྱབ་པའི་རྒྱ་ནག་ལྕགས་རིའི་བརྒྱ་ཆ་༣༠་ཙམ་ལ་རང་བྱུང་ཁམས་ཀྱི་གནོད་འཚེ་དང་། མིའི་བྱ་སྤྱོད་སོགས་ཀྱི་རྐྱེན་པས་འཐོར་ཞིག་སོང་ཟིན་ཡོད་ཅིང་། དུས་རབས་གསུམ་པའི་ནང་ལ་ཕྱིའི་བཙན་འཛུལ་དང་དཔུང་འཇུག་འགོག་ཐབས་སུ་ལྕགས་རི་འདི་ཐོག་མར་གསར་རྒྱག་བྱ་རྒྱུ་འགོ་ཚུགས་ཏེ། དེ་ནས་དུས་རབས་༡༤་བ་ནས་དུས་རབས་༡༧་པའི་བར་དུ་རྒྱ་ནག་གི་མིང་རྒྱལ་རབས་ཀྱིས་རྒྱང་ཐག་སྤྱི་ལེ་༦༣༠༠་ཙམ་གྱི་ལྕགས་རི་ཞིག་སླར་ཡང་གསར་རྒྱག་བྱས་འདུག འདས་པའི་དུས་རབས་འགའ་ཤས་རིང་ལ་རྒྱ་ནག་ལྕགས་རིའི་རིང་ཚད་སྤྱི་ལེ་༡༩༦༢་ཙམ་འཐོར་ཞིག་ཏུ་སོང་འདུག་ཅེས་པི་ཅིང་ཉིན་རེའི་ཚགས་ཤོག་གིས་གནས་ཚུལ་སྤེལ་པ་དང་། རྒྱ་ནག་ལྕགས་རིའི་ཉམས་ཞིབ་ལྟེ་གནས་ཁང་གིས་སྙན་ཐོན་བཏོན་པར་གཞིགས་ན། གནམ་གཤིས་གྲང་ངར་ཆེ་བའི་སྟབས་ཀྱིས་ལྕགས་རིའི་ཆ་ཤས་མང་པོ་ཞིག་ལ་གནོད་སྐྱོན་བྱུང་ཡོད་པ་མ་ཟད། ལྕགས་རིའི་གཡས་གཡོན་ལ་རྩི་ཤིང་སྐྱེས་ཏེ་ཉམས་ཆག་ཕྱིན་ཡོད་པ་དང་། གོང་ཞུས་ཚོགས་པ་དེའི་ཚོགས་གཙོ་གཞོན་པ་དོང་ཡ་ཧུས་ལྕགས་རིའི་ཆ་ཤས་མང་པོ་ཞིག་རྡོ་དང་ས་ཕག་ཡིན་རུང་། དུས་རྒྱུན་གྱི་ཆར་པ་དང་རླུང་འཚུབ་ཤུགས་དྲག་ཆེན་པོ་བརྒྱབ་པའི་སྟབས་ཀྱིས་ལྕགས་རི་ལ་གནོད་སྐྱོན་འཕོག་གི་ཡོད་ཅེས་བཤད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG