ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་ཨ་རིའི་སྲིད་ཟུར་བྷུཤ་མཆོག་གི་ལྟེ་གནས་ཁང་ལ་ཆིབས་བསྒྱུར་གནང་ཡོད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཇོར་ཇེ་བྷུཤ་སྟེང་ཞལ་རྣམ་པ་གཉིས་ཀྱིས་ཇི་ལྟར་གདན་ཞུ་གནང་བ་ལྟར་ ཕྱི་ཟླ་བདུན་པའི་ཚེས་གཅིག་ རེས་གཟའ་ལྷག་པའི་ཉིན་ ཨ་མི་རི་ཀི་ལྷོ་ཕྱོགས་མངའ་སྡེ་ཏྲེཀ་སེས་ཡི་གྲོང་ཁྱེར་ཌ་ལ་སེ་ནང་ཡོད་པའི་བྷུཤ་ལྟེ་གནས་ཁང་དུ་ཆིབས་བསྒྱུར་གནང་སྟེ་ ལྟེ་གནས་ཁང་དེ་དང་འབྲེལ་བ་ཡོད་པའི་ (SMU) གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཞིག་ཏུ་ དགེ་སློབ་དང་མང་ཚོགས་སྟོང་ཕྲག་ཁ་ཤས་ཤིག་ལ་ བྱམས་པ་དང་སྙིང་རྗེ་སོགས་ཀྱི་གནད་དོན་མང་པོའི་ཐད་གསུང་བཤད་བཀྲིན་ཆེ་གནང་མཛད་ཡོད་ཅིང་ གསུང་བཤད་གསན་མཁན་གྱི་ཁོངས་སུ་སྲིད་འཛིན་ཟུར་པ་སྐུ་ཞབས་བྷུཤ་སྟེང་ཞལ་རྣམ་པ་གཉིས་ཀྱང་ཡོད་པ་རེད།

XS
SM
MD
LG