ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་དང་ལྷོ་ཀོ་རི་ཡ་ཕན་ཚུན་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བ།


འདས་པའི་ལོ་མང་པོའི་རིང་ ཉི་ཧོང་དང་ལྷོ་ཀོ་རི་ཡེའི་འབྲེལ་བའི་གནས་སྟངས་དཀའ་ངལ་ཅན་དུ་གྱུར་ཡོད་ཅིང་ ལྷོ་ཀོ་རི་ཡེའི་ཡུལ་མི་མང་པོས་ དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གིས་ལྷོ་ཀོ་རི་ཡར་བཙན་བཤེད་ཀྱི་བྱ་སྤྱོད་ཚབས་ཆེ་ལག་ལེན་བསྟར་བའི་གནས་ཚུལ་བྱུང་ཡོད་པ་དེ་ཚོའི་ཐད་ ད་ལྟའང་ཉི་ཧོང་གི་ཕྱོགས་ནས་དགོངས་སེལ་གཙང་མ་ཞིག་ཞུས་མེད་པར་ངོས་འཛིན་བྱས་ཏེ་ ཁོང་ཁྲོ་བྱེད་ཀྱི་ཡོད་པ་རེད་ དེ་ལྟར་ནའང་ ཡུལ་གྲུ་གཉིས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཏེ་ འདི་ལོ་ ལོ་ལྔ་བཅུ་ཐམ་པ་ཧྲིལ་པོ་འཁོར་གྱི་ཡོད་སྟབས་ ཕྱོགས་གཉིས་ཀས་དུས་དྲན་དེ་གལ་ཆེར་ངོས་འཛིན་བྱས་ཏེ་སྲུང་བརྩི་བྱེད་ཀྱི་ཡོད་པ་དེའི་ཐོག་ནས་ འབྲེལ་བ་ཕྲན་བུ་ཡག་ཏུ་འགྲོ་གི་ཡོད་པའི་རྣམ་པ་མཚོན་ཐུབ་པ་ཞིག་ལ་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG