ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་ ༦ པའི་ཚེས་ ༧ ཉིན་ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་བྱས་རྗེས་སྲིད་དོན་གྱི་ཚོགས་པ་སུ་གང་ལ་མང་མོས་རྒྱལ་ཁ་ཐོབ་མེད་པར་བརྟེན་སྲིད་དོན་ཚོགས་པ་ཕན་ཚུན་མཉམ་མཐུན་གྱི་ཐོག་ནས་གཞུང་འཛིན་བྱེད་རྒྱུའི་ཐབས་ལམ་ཞིག་ཡོད་པ་དང་། ཡང་ན་འོས་བསྡུ་བསྐྱར་དུ་བྱ་དགོས་སྲིད་པ་ཞིག་ཀྱང་ཡིན༌པས། ད་ལམ་གྱི་འོས་བསྡུའི་གྲུབ་འབྲས་ལ་བརྟེན་ནས་སྲིད་འཛིན་ཨེ་གྲོ་གྷན་གྱི་རྩ་ཁྲིམས་གསར་པ་བཟོས་ཏེ་སྲིད་འཛིན་ལམ་ལུགས་བཟོ་རྒྱུའི་འཆར་གཞི་དེ་དལ་ཞིག་ཏུ་ཕྱིན་པ་བཅས་ཀྱི་སྐོར་གསར་འགྱུར་ཁག་ནང་ཐོན་པའི་གནས་ཚུལ་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG