ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨེ་ཤེ་ཡ་དང་ཨ་རིའི་དབར་ཚོང་འབྲེལ་གྲོས་མཐུན།


ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཨོ་བྷ་མའི་ཚོང་འབྲེལ་གྲོས་མཐུན་ལ་རྒྱབ་སྐྱོར་དགོས་ངེས་བྱེད་ཀྱི་མེད་པའི་གནས་སྟངས་འདིས། ཨ་ཤེ་ཡའི་རྒྱལ་ཁབ་ཁག་གི་འཚོ་རྟེན་ལས་ཀ་དང་། ཕྱིར་ཚོང་ལས་དོན། དེ་བཞིན། ཨ་མི་རི་ཀའི་ཤུགས་རྐྱེན་མུ་མཐུད་གནས་ཐུབ་མིན་སོགས་ཀྱི་ཐད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཚོས་བློ་འཚབ་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་། གལ་ཏེ་། ཨ་རི་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁྱོན་༡༡ དབར་གྱི་ཚོང་འབྲེལ་གྲོས་མཐུན་ལམ་ལྷོངས་མ་བྱུང་བ་ཡིན་ཚེ། ཨེ་ཤེ་ཡའི་གླེང་ཆེན་ནང་ཨ་རིའི་འགོ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་ཐུབ་མིན་དང་། དེ་བཞིན། སྲིད་འཛིན་བྷ་རག ཨོ་བྷ་མ་མཆོག་གིས་ཨེ་ཤེ་ཡའི་ཐོག་དོ་སྣང་ཤུགས་ཆེ་བ་བྱ་རྒྱུའི་ཁས་ལེན་དེ་དོན་ཐོག་འཁེལ་བ་ཡོང་རྒྱུ་མིན་པའི་མིན་ཐད་དོགས་གཞི་གསར་བ་ཞིག་ཡོང་བཞིན་ཡོད་པ་ཅིང་། འདས་པའི་རེས་གཟའ་པ་སངས་ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཚོང་འབྲེལ་གྲོས་མཐུན་འདི་དང་འབྲེལ་བའི་གྲོས་ཆོད་གལ་ཆེན་ཞིག་ལ་རྒྱབ་སྐྱོར་མ་བྱས་པའི་སྟབས་ཀྱིས། གྲོས་མཐུན་འདི་གཏན་འབེབས་བྱེད་མི་ཐུབ་པ་དང་བྱ་ཐུན་མིན་དང་། ལྷག་པར་དུ་ གྲོས་མཐུན་འདི་ཐོག་ནས་ཨ་རི་དང་ཨེ་ཤེ་ཡའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གོང་བུ་ཆིག་སྒྲེལ་ཡོང་ཐུབ་མིན་ཐད་ལ་ཡང་བློ་དོགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG