ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ལྐོག་ཟའི་དོགས་ཅན་གཉིས་ནད་མནར།


རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ལིང་ཅི་ཧྭ་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ལ་འབྲེལ་བ་དམ་ཟབ་ཡོད་པ་དང་། གོ་པའོ་ཤུང་རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཟུར་པ་ཞིག་ཡིན་པ་རུང་། སྔ་ལོ་ལིང་ཅི་ཧྭ་དང་གོ་པའོ་ཤུང་གཉིས་ཀྱིས་ཏང་གི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་པ་རེད་ཅེས་གནས་དབྱུང་བཏང་བ་དང་། ཉམས་ཞིབ་པ་ཚོས་ལིང་ཅི་ཧྭ་དང་གོ་པའོ་ཤུང་གཉིས་ལ་རྒྱ་ནག་གཞུང་གིས་ལྐོག་ཟ་དང་ཁྲིམས་འགལ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱ་སྲིད་པའི་ཚོད་དཔོག་བྱེད་ཀྱི་ཡོད་ཅིང་། ཡིན་ནའང་ཕྱི་ཟླ་༦་ཚེས་༡༢་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་འབྲེལ་བ་ཡོད་པའི་གནས་ཚུལ་འབྱུང་ཁུངས་མ་འདྲ་བ་གཉིས་ཀྱིས་ལིང་ཅི་ཧྭ་ཀླད་རྩ་འཁྲུག་ཡོད་པ་དང་། དབུས་དམག་དོན་གཙོ་འཛིན་གཞོན་པ་ཟུར་པ་གོ་པའོ་ཤུང་ལ་སྐྲན་ནད་ཕོག་འདུག་ཟེར་པའི་སྐད་ཆ་ཞིག་ཕྱི་ལ་འཁྱར་ཡོད་པས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཀྲུག་ཡུང་ཁང་དང་པའོ་ཤི་ལེ་ལྟར་ལིང་ཅི་ཧྭ་དང་གོ་པའོ་ཤུང་གཉིས་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཁྲིམས་བཤེར་བྱ་བའམ། ཡང་ན་ཁོ་ཚོར་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་མིན་པའི་བརྡ་ཞིག་གཏོང་གི་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG