ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྕམ་ཨང་སང་སུ་ཆི་ཡིས་རྒྱ་ནག་གི་སྲིད་འཛིན་དང་ཐུག་འཕྲད་བྱས་འདུག


མ་ཡན་མར་གྱི་ཕྱོགས་འགལ་བའི་འགོ་ཁྲིད་ལྕམ་ ཨང་ སང་སུ་ཆི་ཡིས་རྒྱ་ནག་ལ་འཚམས་འདྲི་ཐོག་མ་དེ་གནང་བའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་འདུག། ད་རེས་ལྕམ་ཨང་སང་སུ་ཆི་རྒྱ་ནག་ནང་ཉིན་གྲངས་ལྔའི་རིང་གི་འཚམས་གཟིགས་ཀྱི་སྐབས་སུ་རྒྱ་ནག་དང་མ་ཡན་མར་གཉིས་ཀས་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་རེ་བ་འཆང་གི་ཡོད་པ་རེད། ཡིན་ནའང་དེ་སྔ་དམངས་གཙོའི་འཐབ་རྩོད་ལ་བརྟེན་ནས་བཟང་བཙོན་དུ་ཡུན་རིང་སྡོད་མྱོང་ཡོད་པ་ཞིག་གི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པ་དེ་ནི་འོས་ཤིང་འཚམས་པ་མ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དང་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG