ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱལ་ཡུམ་ཆེ་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་འགྲན་བསྡུར།


ཕྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་རྒྱལ་ཡུམ་ཆེ་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་༢༡པའི་ནང་ མུནྜ་གྷོཌ་འདོད་རྒུ་གླིང་གི་གཞོན་ནུའི་རྩེད་འགྲན་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་ཅིང་ དེ་ཡང་ ཕྱི་ཟླ་དྲུག་པའི་ཚེས་བཅུའི་ཉིན་ རྒྱ་གར་བཞུགས་སྒར་སྡ་རམ་ས་ལའི་རྡ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་ བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་བྱས་པའི་སར་ མུནྜ་གྷོཌ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གྱི་གཞོན་ནུའི་རུ་ཁག་དང་ བལ་ཡུལ་པོཀ་ར་བཀྲིས་གླིང་རུ་ཁག་དབར་ རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཧ་ཅང་འཁྲུག་ཆ་དོད་ལ་ རྣོ་ངར་ཆེ་བ་ཞིག་ཐུག་སྟེ་མཐར་ མུནྜ་གྷོཌ་རུ་ཁག་གིས་སྤོ་ལོ་གཉིས་བླུག་པ་དང་ པོཀ་རའི་རུ་ཁག་གིས་སྤོ་ལོ་གཅིག་བླུག་པའི་ཁྱད་པར་གྱི་ཐོག་ནས་ ཐེངས་འདིའི་རྩེད་འགྲན་གྱི་ནང་མུནྜ་གྷོཌ་གཞོན་ནུའི་རུ་ཁག་ལ་རྒྱལ་ཁ་ཐོབ་སྟེ་ གསེར་གྱི་གཟེངས་རྟགས་དང་ ཧིན་སྒོར་འབུམ་གཅིག་ཐོབ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG