ངོ་འཕྲད་བདེ་བའི་དྲ་འབྲེལ།

བཀྲིས་དབང་འདུས་ལགས་ཀྱིས་སྐབས་གཉིས་པའི་སྲིད་སྐྱོང་འོས་མིར་བཞེངས་ཡོད་པ།


བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་གཉིས་པའི་སྲིད་སྐྱོང་གསར་པའི་ འོས་བསྡུ་རན་གྲབས་ཡོད་པའི་སྐབས་འདིར། སྲིད་སྐྱོང་འོས་འདེམ་ཀྱི་འོས་བསྡུའི་ནང་བཞེངས་འདོད་ཡོད་མཁན་མང་པོ་ཡོད་པའི་ནང་ནས། དེ་རིང་ཕྱི་ཟླ་དྲུག་པའི་ཚེས་ ༡༠ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་བཞུགས་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་ན་གཞོན་ཚོགས་པ་ཟེར་བའི་འགོ་ཁྲིད་ཀྱི་འོག་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེན་ལོར་ནང་ བཅའ་བཞུགས་་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ བཀྲིས་དབང་འདུས་ལགས་ཀྱིས་༢༠༡༥་ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་གནང་པ་རེད། འདི་སྐོར་ཁོང་ལ་སྲིད་སྐྱོང་འོས་མིའི་གྲས་སུ་བཞེངས་རྒྱུའི་དགོས་པ་རྒྱུ་མཚན་ཇི་ཡིན་སྐོར་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG