ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་བཟོད་པའི་སྐོར་ལ་མང་ཚོགས་ལ་བཀའ་སློབ་གནང་ཡོད་པ།


༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སང་ཨོ་སོ་ཀྲེ་ལི་ཡའི་ནང་ཆིབས་བསྒྱུར་མཛད་ཡོད་པ་ལྟར། དེ་རིང་ཚེས་༨ཀྱི་ཉིན་མང་ཚོགས་ལ་བཟོད་པ་སྒོམ་སྟངས་ཀྱི་ཐད་ལ་བཀའ་སློབ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་རང་རེའི་འཛམ་གླིང་གི་དཀའ་རྙོག་མང་ཆེ་བ་མིས་བཟོས་པའི་དཀའ་རྙོག་ཡིན་པ་དང་། དཀའ་རྙོགས་དེ་དག་མི་རང་གིས་་སེལ་དགོས་པ་ལས་སངས་རྒྱས་དང་དཀོན་མཆོག་གིས་སེལ་ཐབས་མེད་ལུགས་བཀའ་ཡོད་ཅིང་། ཉིན་དགུང་བརྒྱབས་ལ་༧གོང་ས་མཆོག་གིས་དཔལ་གསང་བ་འདུས་པའི་གསུང་ཆོས་མུ་མཐུད་དེ་གནང་ཡོད་སྐོར་བོད་ཀྱི་དོན་གཅོད་སྐུ་ཚབ་ལས་ཁང་གི་དྲུང་ཆེ་སྐུ་ཞབས་བཀྲིས་ཐག་གཅོད་ལཌ་སུ་གནས་འདྲི་ཞུས་ཏེ་ཕྱོཌ་ཞུས་པའི་གནས་ཚུལ་དེ་གསན་གྱི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG