ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ནང་པ་ལ་དམའ་འབེབས་བཏང་བའི་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་ཡོད་པ།


མེ་ཡན་མར་གྱི་རྩོམ་པ་པོ་གཅིག་ལ་ ནང་པ་ལ་དམའ་འབེབས་བཏང་བ་ཟེར་བའི་ནག་ཉེས་བཙུགས་ཏེ་ ལོ་གཉིས་བཙོན་འཇུག་དང་ ངལ་རྩོལ་བསྒྱུར་བཀོད་ལ་གཏོང་རྒྱུའི་བཅད་ཁྲ་བཏང་ཡོད་པ་དང་ གཟའ་མིག་དམར་ཉིན་ ཡུལ་དེའི་ཁྲིམས་ཁང་ཞིག་གིས་བཏང་བའི་བཅད་ཁྲ་དེར་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་འདུག་ དེ་ཡང་ ཏིན་ ལིན་ ཨཱུ་ནི་ རྩོམ་འབྲི་བ་ཞིག་ཡིན་པ་ཙམ་མ་ཟད་ ཡུལ་དེའི་ཕྱོགས་འགལ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་ཚོགས་པའི་ལས་སྣེ་ཟུར་པ་ཞིག་ཀྱང་ཡིན་ཞིང་ སྔ་ལོ་དབུས་ཕྱོགས་ཞིང་ཆེན་སཱ་གྷང་གི་ནང་ ཡིག་རྨོང་སེལ་རྒྱུའི་ལས་འགུལ་ཞིག་སྤེལ་བའི་སྐབས་ ཁོང་གིས་མང་ཚོགས་ལ་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་གཏམ་བཤད་བྱས་ཡོད་པ་དེའི་ནང་ནས་ སྐར་མ་བཅུ་བྱས་པའི་དུམ་བཅུ་གཅིག་ཟུར་དུ་བཏོན་ཏེ་ དེ་ནི་ནང་པ་ལ་དམའ་འབེབས་ཀྱི་གཏམ་བཤད་ཅིག་རེད་ཅེས་ ཡུལ་དེའི་ནང་པ་མཐར་ལྷུང་ཅན་དེ་གྲས་ཀྱིས་དྲ་རྒྱའི་ནང་བཏོན་ཏེ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་ དེ་ནས་ཕྱི་ཟླ་བཅུ་གཉིས་པར་ མེ་ཡན་མར་གཞུང་གིས་སྐུ་ཞབས་ཨཱུ་འཛིན་བཟུང་བྱས་ཏེ་ ཁོང་ལ་ ནང་པ་ལ་དམའ་འབེབས་བཏང་བ་རེད་ཟེར་བའི་ནག་ཉེས་དངོས་སུ་བཙུགས་པའི་རྗེས་ ཟླ་བ་འདིའི་ཚེས་༢ རེས་གཟའ་མིག་དམར་ཉིན་ ཡུལ་དེའི་ཁྲིམས་ཁང་ཞིག་གིས་ཁོང་ཉེས་ཅན་ཡིན་པའི་ཐག་གཅོད་བྱས་ཏེ་ ལོ་གཉིས་བཙོན་འཇུག་བྱ་རྒྱུ་དང་ ངལ་རྩོལ་བསྒྱུར་བཀོད་ལ་གཏོང་རྒྱུའི་བཅད་ཁྲ་བཏང་ཡོད་པ་རེད།

XS
SM
MD
LG