ངོ་འཕྲད་བདེ་བའི་དྲ་འབྲེལ།

དྲུག་བཞིའི་དུས་དྲན་གོང་རྒྱ་ནག་གིས་ཐོབ་ཐང་དོན་གཉེར་བ་འགའ་རེ་འཇུ་བཟུང་།


དྲུག་བཞིའི་དུས་དྲན་མ་སླེབས་གོང་། རྒྱ་ནག་གཞུང་གིས་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། སྲིད་གཞུང་དང་ལྟ་སྤྱོད་མི་མཐུན་པ་མང་པོ་ཞིག་ལ་ལྟ་སྲུང་དང་དོ་དམ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད་འདུག ཐོབ་ཐང་དོན་གཉེར་བ་མང་པོ་ཞིག་འཇུ་བཟུང་བྱས་པ་དང་། ཡང་མང་པོ་ཞིག་བཟང་བཙོན་འོག་བཅུག་ཡོད་པ་དང་། འགའ་ཤས་བཙན་བཤེད་ཀྱིས་མཐའ་འབུད་བཏང་ཡོད་པའི་གནས་ཚུལ་འདུག དེ་ཚོའི་ཁོངས་སུ་ ལོ་གྲངས་༨༢ སོན་པའི་ དེ་སྔའི་རྒྱ་ནག་གི་སྲིད་བློན་འདས་པོ་སྐུ་ཞབས་ཊའོ་རྫི་འང་ཡི་དྲུང་ཡིག་སྐུ་ཞབས་པའོ་དུང་ཡང་ཚུད་ཡོད་ཅིང་། ཊའོ་རྫི་འང་ཡི་ནི་༡༩༨༩ ལོའི་སློབ་ཕྲུག་གི་ངོ་རྒོལ་སྒེར་ལངས་དོན་རྐྱེན་རྗེས་ལས་གནས་བཞག་དགོས་པ་བྱུང་ཡོད་ཅིང་། སྐུ་ཞབས་པའོ་ཡི་བཟའ་ཟླ་ཡིས་གསུངས་དོན་ལ། བདེ་འཇགས་མི་སྣས་ཁོང་རེས་གཟའ་སྤེན་པའི་ཉིན་ཁྲིད་སོང་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་པ་དང་། གཞུང་གི་སྤྱི་བདེ་མི་སྣས་སྒོ་རྡུང་སྟེ་ དགོས་མཁོ་ཡོད་པའི་དངོས་པོ་འགའ་ཤས་འཁྱེར་ཏེ་གུང་སེང་ལ་ཁྲིད་སོང་ཞེས་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་འདུག ཁོང་ཚོས་ངའི་བཟའ་ཟླ་འགའ་ལ་ཁྲིད་ཡོད་པ་ཤེས་རྟོགས་མེད་ལ། ཁོང་འགའ་དུས་ནང་ཁྱིམ་ལ་ཡོང་གི་ཡོད་མིད་ལ་འགྲེལ་བརྗོད་བྱས་མ་སོང་ཞེས་ཅང་ ཡིས་མུ་མཐུད་འགྲེལ་བརྗོད་བྱས་འདུག ༡༩༨༩ ལོའི་གནམ་སྡེ་སྒོ་མོའི་ཐང་ཆེན་ལ་བྱུང་བའི་དོན་རྐྱེན་འདིའི་རྗེས་ སྐུ་ཞབས་པའོ་ ལོ་ངོ་བདུན་བཙོན་འཇུག་བྱས་ཡོད་པ་རེད། སྔ་ལོ་ཡང་དྲུག་བཞིའི་དམར་གསོད་ཀྱི་དུས་དྲན་གོང་ གཞུང་གི་སྤྱི་བདེ་མི་སྣས་སྐུ་ཞབས་པའོ་ ཡི་སྐྱེས་ཡུལ་གྲོང་ཁྱེར་ལ་འཁྲིད་ཕྱིན་སྟེ་ དྲུག་པའི་ཕྱི་ཚེས་༡༡ བར་ནང་ལ་སླེབས་མ་སོང་ཞེས་ལྕམ་ཅང་ ཡིས་གསུངས་འདུག སྐུ་ཞབས་པའོ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་རྒྱར་བྱས་ཏེ། གསར་བརྗེའི་ངོ་ལོག་པའི་ཉེས་པ་བཙུགས་ཏེ་བཙོན་འཇུག་བྱས་པ་དང་། དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་སྐོར་ཕྱི་རྒྱལ་གསར་འགོད་པ་དང་མི་མང་ལ་གཏམ་བཤད་བྱེད་མི་ཆོག་པའི་བཀག་རྒྱ་བསྡམ་ཡོད་པ་རེད།

XS
SM
MD
LG