ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་མི་གཉིས་ལྷ་སའི་བཙོན་ཁང་ནས་བཙོན་གྲོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ལོ་༢༠༡༢ལོར་ལྷ་སའི་ཇོ་ཁང་མདུན་དུ་ཨ་མདོ་བླ་བྲང་འབོ་ར་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་དང་། རྔ་བ་ནས་ཡིན་པའི་དར་རྒྱས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པས། རྔ་བ་ནས་ཡིན་པ་དར་རྒྱས་ལགས་ལྷ་སར་ལས་ཀ་བྱེད་སའི་རྔ་བའི་ཚོང་བ་དེའི་ནང་མི་ཚང་མ་འཛིན་བཟུང་བྱེད་ཡོད་པ་སྐབས་དེའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཡོད་ལ། ད་ལྟ་གནས་ཚུལ་ཐོན་པ་ལྟར་ན་སྐབས་དེ་དུས་ཀྱི་ཨ་མདོ་རྔ་བ་ནས་ཡིན་པའི་ཚོང་བ་སྐར་མཁོ་དང་བཟའ་ཟླ་འཕགས་མ། འཕགས་མའི་ཚ་བོ་འཇིགས་མེད་བཅས་ཁྱིམ་མི་གསུམ་འཛིན་བཟུང་བྱས་ཏེ། ཉེས་འཛུགས་ཁ་གསལ་མེད་པའི་ཐོག་ནས་སྐར་ཁོ་ལ་ཚེ་བཙོན་དང། འཕགས་མ་དང་ཚ་བོ་འཇིགས་མེད་གཉིས་ལ་ལོ་གསུམ་རེ་བཙོན་མཇུག་ཁྲིམས་ཐག་བཅད་ཡོད་པ་ལྟར། ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་ལོ་གསུམ་གྱི་རིང་བཙོན་འཇུག་བྱས་པའི་རྗེས། སྤྱི་ཟླ་ལྔ་བའི་ཚེས་༢༩ཉིན་བཙོན་ཁང་དེ་ནས་འཕགས་མ་དང་ཚ་བ་འཇིགས་མེད་གཉིས་གློད་གྲོལ་བཏང་ཡོད་པ་ལྟར། ད་ལྟ་ཕ་ཡུལ་རྔ་བའི་ཕྱོགས་སུ་འབྱོར་ཏེ་སེར་སྐྱ་མང་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG