ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་བརྒྱུད་དེ་གངས་རིན་པོ་ཆེར་གནས་མཇལ་ལ་འགྲོ་མཁན་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ།


ཉེ་དུས་བལ་ཡུལ་ནང་ བསྟོར་ཚབས་ཤིན་ཏུ་ཆེ་བའི་ས་ཡོམ་བརྒྱབས་པའི་རྗེས་སུ་ རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་སྒོ་བརྒྱབས་པར་བརྟེན་ ད་ཆ་རྒྱ་གར་བ་གཙོ་བོར་གྱུར་བའི་ཕྱི་མི་ཉིས་ཁྲི་ལྔ་སྟོང་སྐོར་ཙམ་ཞིག་ བལ་ཡུལ་བརྒྱུད་དེ་ བོད་ནང་ སྟོད་གངས་རིན་པོ་ཆེ་མཇལ་བར་གནས་སྐོར་ལ་འགྲོ་རྒྱུའི་འཆར་གཞི་ཡོད་པ་རྣམས་ འཆར་གཞི་ལྟར་བསྐྱོད་ཐབས་མེད་པར་ལུས་ཡོད་སྟབས་ བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚན་པ་དང་ ཚོང་པ་རྣམས་ཀྱིས་བལ་ཡུལ་གཞུང་ལ་ དེའི་ཐད་རྒྱ་ནག་དང་གྲོས་མོལ་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད་པ་རེད་ རྒྱ་ནག་གཞུང་གིས་བལ་བོད་ས་མཚམས་ཏཱ་ཏོ་པཱ་ནི་དང་ རཱ་སུ་ཝ་ལ་སོགས་པ་སྒོ་བརྒྱབས་ཏེ་ ཁུལ་དེར་ས་རུད་ཡོང་རྒྱུའི་ཉེན་ཁ་ཡོད་པར་བརྟེན་ནས་ དེ་ཁུལ་དུ་མི་དང་ རླངས་འཁོར་སོགས་འགྲུལ་བཞུད་བྱ་རྒྱུ་བཀག་སྡོམ་བྱས་པ་ཡིན་ལུགས་རྗོད་ཀྱི་ཡོད་པ་རེད།

XS
SM
MD
LG