ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་གིས་བོད་མི་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་ཡོད་པ།


ཟླ་བ་འདིའི་ཕྱི་ཚེས་༢༧ ནས་༢༩ བར་ཉིན་གྲངས་གསུམ་གྱི་རིང་། ༧སྤྱི་ནོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་། བཞུགས་སྒར་རྡ་སྟེང་བོད་ཕྲུག་ཁྱིམ་ སྡེ་སློབ་གྲྭར་བོད་ཕྲུག་ན་གཞོན་སྟོང་ཕྲག་བཞི་ལྷག་ལ་ནང་ཆོས་ངོ་སྤྲོད་ཐེངས་ དགུ་པ་དེ་བསྩལ་གནང་ཡོད་ཅིང་། ཐེངས་འདིའི་ནང་ཆོས་ངོ་སྤྲོད་སྐབས་༧གོང་ས་ མཆོག་གིས་། དེང་ དུས་ཀྱི་ཤེས་ཡོན་སློབ་སྦྱོང་དང་སྲོལ་རྒྱུན་གྱི་རིག་གནས་གཉིས་ ཀར་ན་གཞོན་ཚོས་ དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། བོད་ཀྱི་སྐད་ཡིག་དང་ནང་ཆོས་གཉིས་ལ་སློབ་སྦྱོང་བྱ་རྒྱུ་དེ་གཙོ་གནད་དུ་འཛིན་དགོས་པའི་སྐོར་བཀའ་སློབ་བསྩལ་གནང་ཡོད་འདུག གཟའ་འཁོར་འདིའི་བགྲོ་གླེང་མདུན་ལྕོག་ལས་རིམ་ལ་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་འཛིན་དང་གསུང་ཆོས་ལ་མཉམ་ཞུགས་གནང་མཁན་གྱི་སློབ་མ་གསུམ་གདན་འདྲེན་ཞུས་ཏེ་ གླེང་མོལ་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG