ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཽས་ཊེ་ལི་ཡས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་གྱི་མྱུལ་ཞིབ་མུ་མཐུད་དེ་བྱ་རྒྱུ་ཡིན་པ།


རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་གཞན་མང་པོ་ བདག་དབང་གི་ཐད་ རྩོད་གླེང་བྱེད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ ཨཽས་ཊེ་ལི་ཡ་གཞུང་གི་མཁའ་དམག་གིས་མྱུལ་ཞིབ་བྱས་དང་བྱེད་བཞིན་པ་དེ་ རྒྱ་ནག་གཞུང་གི་གནོན་ཤུགས་གང་འདྲ་ཅིག་གི་འོག་ཏུའང་འགྱུར་བ་འགྲོ་རྒྱུ་མིན་པར་ མྱུལ་ཞིབ་བྱེད་སྒོ་དེ་དག་མུ་མཐུད་དེ་བྱ་རྒྱུ་ཡིན་ཞེས་ གཟའ་ཉི་མའི་ཉིན་ ཨཽས་ཊེ་ལི་ཡེའི་རྒྱལ་སྲུང་བློན་ཆེན་གྱིས་གསར་འགོད་པར་འགྲེལ་བརྗོད་གནང་བ་དང་འབྲེལ་ འོན་ཀྱང་ དེང་སང་རྒྱ་ནག་གིས་རང་གི་སྟོབས་ཤུགས་ངོམས་ཏེ་ ཁུལ་དེར་བདག་དབང་གི་ཐད་རྩོད་གླེང་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ལ་ ཐད་ཀར་ཁ་གཏད་གཅོག་རྒྱུའི་ཆེད་དུ་ ཨ་མི་རི་ཀ་དང་མཉམ་དུ་མཚོ་དམག་གིས་མྱུལ་ཞིབ་བྱ་རྒྱུའི་ཐད་ ད་ལྟའི་འཆར་ཨ་མི་རི་ཀ་དང་དངོས་སུ་གྲོས་མོལ་གང་ཡང་བྱ་རྒྱུ་མ་བྱུང་ཞེས་གསུངས་ཡོད་འདུག

XS
SM
MD
LG