ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

དབང་རྒྱལ་ལགས་ཀྱིས་ཨ་རིར་གསར་དུ་འབྱོར་བའི་མི་མང་ལ་ཁྲིམས་གཏུགས་ཀྱི་ཞབས་ཞུ་སྒྱུབ་བཞིན་པ།


ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་བོད་པའི་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་ཨ་རིའི་ནང་གསར་དུ་འབྱོར་བའི་བོད་མི་དང་ཧི་མ་ལ་ཡའི་མི་རིགས་དང་དེ་བཞིན་བལ་པོ་དང་རྒྱ་གར་བ་དང་ཡུ་རོབ་དང་ལྷོ་ཨ་རི་སོགས་ཀྱི་མི་མང་པོ་ཨ་རིའི་ནང་གཞིས་ཆགས་སུ་སྡོད་ཐུབ་ཕྱོགས་སླད་ཁྲིམས་གཏུགས་བྱེད་རོགས་བྱེད་ཀྱི་ཡོད་པའི་སྐོར་བཀའ་མོལ་གནང་བ་དེ་གསན་གྱི་རེད། ཁྲིམས་རྩོད་པ་དབང་རྒྱལ་ལགས་ཀྱིས་་ཞུ་གཏུགས་བྱེད་མཁན་མི་མང་གིས་རང་ཕྱོགས་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུར་ལོ་རྒྱུས་ཀྱི་ཡིག་ཆ་ལེགས་པོ་དགོས་གལ་ཆེ་ཡིན་པ་མ་ཟད་ སོ་སོའི་ལོ་རྒྱུས་དེ་ཚོ་བ་འདྲ་མིན་གང་འདྲ་ཞིག་བཀོད་ཀྱང་ལན་འདེབས་བྱེད་ཐུབ་པ་དགོས་གལ་ཡིན་པའི་ལམ་སྟོན་གནང་ཡོད་པ་རེད།

XS
SM
MD
LG