ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་འབར་མའི་སྐྱབས་བཅོལ་བའི་བདེ་སྡུག་གླེང་བ།


ཕྱི་ཟླ་༥་ཚེས་༢༨་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊེ་རེ་ལི་ཡའི་གསར་འགོད་པ་ཞིག་ལ་འབར་མའི་སྐྱབས་བཅོལ་བའི་གནས་སྟངས་དེ་ཧ་ཅང་གི་ཐབས་རྡུགས་ཤིག་ཡིན་པ་དང་། འཛམ་གླིང་གི་ཎོ་བེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཞིག་ཡིན་པ་ནས་ཨང་སན་སུ་ཇཱིས་འབར་མ་ནས་ཕྱིར་ཕུད་བཏང་བའི་རོ་ཧིན་རྒྱ་ཁ་ཆེ་སྐྱབས་བཅོལ་བ་དེ་དག་གི་བདེ་སྡུག་ལ་གཟིགས་རྟོག་ཆེ་ཙམ་གནང་དགོས་ཀྱིན་འདུག། ངོས་རང་ཨང་སན་སུ་ཇཱི་ལ་ཐེངས་གཉིས་ཐུག་མྱོང་། ཐེངས་དང་པོ་དེ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཐུག་པ་དང་། ཐེངས་གཉིས་པ་དེ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཐོག་ཏུ་ཐུག་པ་ཡིན། ངོས་ནས་ཨང་སན་སུ་ཇཱི་ལ་དཀའ་ངལ་དེ་གླེང་སློང་བྱས་པ་ཡིན། ཡིན་ནའང་ཨན་སུ་ཇཱིས་དཀའ་ངལ་དེ་མགོ་ཉོག་ཆེན་པོ་དང་སེལ་བདེ་བོ་ཞིག་མི་འདུག་ཅེས་ང་ལ་ལན་འདེབས་གནང་སོང་། སྐྱབས་བཅོལ་བའི་དཀའ་ངལ་དེ་སེལ་བདེ་བོ་མེད་པ་དང་མགོ་ཉོག་ཆེན་པོ་ཡོད་ཀྱང་ཁོང་གིས་བསྒྲུབ་ཐུབ་པ་ཞིག་ཡོད་ངེས་རེད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG