ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་ནང་ཚ་དྲོད་ཅི་ཆེ་རྒྱས་པའི་དབང་གིས་མི་༡༡༠༠་ཙམ་ཞིག་འདས་གྲོངས།


དེང་སྐབས་རྒྱ་གར་གྱི་ས་གནས་ཁག་ཅིག་ནང་ཚ་དྲོད་ཅི་ཆེ་རྒྱས་ཏེ་ས་གནས་ཀྱི་མི་གྲངས་༡༡༠༠ལྷག་འདས་གྲོངས་གྱུར་འདུག ཚ་བ་ཆེ་བའི་དཀའ་ངལ་དེ་རིགས་ཕལ་ཆེ་བ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ཨེན་རྡ་ར་པར་རྡེཤི་དང་། ཏི་ལེན་གཱ་ནཱ་ གཉིས་ཀྱི་ནང་འཕྲད་བཞིན་ཡོད་པ་དང་། འདས་པའི་གཟའ་འཁོར་གཉིས་ཙམ་རིང་ས་གནས་མང་པོའི་ནང་་ཉིན་ལྟར་་དྲོད་ཚད་༤༨ ཙམ་ལ་སླེབས་ཏེ་དྲང་གློག་སོགས་ཀྱི་མཐུན་རྐྱེན་མེད་པའི་དབུལ་ཕོངས་ཚོར་ཚོ་དྲོད་ཀྱི་དཀའ་ངལ་འདི་འདྲའི་འོག་ཅི་བྱ་ལྟོས་བྲལ་དུ་གྱུར་ནས་འཆི་སྐྱོན་ཡོང་གི་ཡོད་པ་རེད། གནམ་གཤིས་སྔོན་བརྡ་བ་ཚོས་ཚ་བ་ཆེ་བའི་དཀའ་ངལ་འདི་དག་ཟླ་བ་འདི་ཧྲེལ་པོ་འཕྲད་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG