ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མདོ་སྨད་ཆོས་དཔལ་ཞིང་དུ་རང་ལུས་མེར་སྲེག་ངོ་རྒོལ།


ད་རིང་སྔ་དྲོར་བོད་མདོ་སྨད་ཅོ་ནེ་རྫོང་། ཆོས་དཔལ་ཞིང་དུ་བུད་མེད་ལོ་ན་༣༦་ལ་སོན་པ་སངས་རྒྱས་འཚོ་ཞེ་པ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ལ་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་བྱ་བར་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན་སངས་རྒྱས་འཚོས་ཅོ་ནེ་རྫོང་། ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་ནག་གཞུང་གི་སྤྱི་བདེ་ཉེན་རྟོག་པ་དང་དམག་མིའི་ལས་དོན་རུ་ཁག་བཅས་མཉམ་སྡོད་བྱ་སའི་ཡན་ལག་ལས་ཁུངས་ཤིག་ཡོད་པ་དེའི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་ཡོད་ཅིང་།

རྒྱ་ནག་གི་ལས་ཁུངས་དེའི་མི་སྣ་ཚོས་སངས་རྒྱས་འཚོའི་ཕུང་པོ་འཁྱེར་ཡོད་པ་མ་ཟད། བུད་མེད་དེའི་ཁྱིམ་ཚང་ལ་ཉེན་རྟོག་པ་མང་པོ་བསླེབས་ནས་ནང་མི་ཚོར་འདྲི་རྩད་དང་འགྲོ་འོང་སོགས་ལ་བཀག་སྡོམ་བྱས་ཡོད་སྐད། སངས་རྒྱས་འཚོ་ལ་ཤུལ་ལུས་བཟའ་ཟླ་རྟ་མགྲིན་དབང་རྒྱལ་དང་བུ་ཚེ་རིང་དོན་གྲུབ། བུ་མོ་མཁའ་འཚོ་གཉིས་ཡོད་འདུག སངས་རྒྱས་འཚོ་ནི་༢༠༠༩་ནས་བཟུང་སྟེ་བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་གཏོང་མཁན་ཨང་༡༤༠་ བ་དེ་ཡིན་པ་དང་། ཞིབ་ཕྲའི་གནས་ཚུལ་ཁག་ང་ཚོའི་ལས་རིམ་རྗེས་མ་ཁག་ཏུ་ཞུ་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG