ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཱི་རག་གི་དཔུང་དམག་ཚོས་གྲོང་ཁྱེར་རཱ་མ་རྡི་དྲག་སྤྱོད་པ་ལག་ནས་ཚུར་བླང་རྒྱུའི་ལས་འགུལ།


ཨི་རག་གི་སྲིད་གཞུང་གིས་གཟའ་མིག་དམར་ཉིན་སྤེལ་བའི་གསལ་བསྒྲགས་ནང་གསལ་ བྱས་ན། ཉེ་དུས་ཁ་ཆེའི་རྒྱལ་ཕྲན་ཞེས་པ་དྲག་སྤྱོད་རུ་ཚོགས་ཀྱིས་གཞུང་གི་དཔུང་དམག་ཕམ་ཉེས་བཏང་སྟེ། ཞིང་ཆེན་ཨན་འབར་གྱི་རྒྱལ་ས་རཱ་མ་རྡི་ བཙན་བཟུང་བྱས་པ་དེ་ད་ཆ་ཚུར་བླང་རྒྱུའི་ཆོད་སེམས་འཛུགས་ཀྱི་ཡོད་པ་རེད། ལས་འགུལ་དེ་དག་ནང་ཨཱི་རག་གཞུང་གི་དཔུང་དམག་ལ་སུ་ནི་དང་། ཤི་ཡའི་ ཆོས་རྒྱུད་ཀྱི་ཡུལ་དམག་གིས་རྒྱབ་སྐྱོར་དང་དཔུང་རོགས་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་དེ་ གསན་རོགས་གནང་།

XS
SM
MD
LG