ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ས་ཡོམ་བརྒྱབ་པའི་ཟླ་བ་གཅིག་གི་རྗེས་ཡུལ་བསྐྱར་དུ་འཛུགས་བསྐྲུན་བྱ་རྒྱུའི་རེ་བ།


བལ་ཡུལ་ནང་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་བཏོར་ཚབས་ཆེ་བའི་ས་ཡོམ་བརྒྱབས་ཏེ་མི་བརྒྱད་སྟོང་ལྷག་གི་ཚེ་སྲོག་ཤོར་བ་དང་དེ་རྗེས་ ཟླ་བ་འདིའི་ཚེས་བཅུ་གཉིས་ཉིན་ས་ཡོམ་གཞན་ཞིག་བརྒྱབས་ཏེ་ སྡོད་ཁང་འབུམ་ལྔ་ཙམ་རྩ་འཐོར་ཞིག་ཏུ་སོང་བ་དང་མི་སྟོང་ཕྲག་མང་པོར་བཟའ་བཅའ་དང་འཐུང་ཆུ་མེད་པར་ཆགས་ཡོད་པ་རེད བལ་ཡུལ་གཞུང་གིས་ཚོད་དཔག་བྱས་པ་ཡིན་ན་ རང་བྱུང་ཁམས་ཀྱི་གོད་ཕོག་དེ་ཡིས་ དབུལ་ཞིང་འཕོངས་པའི་རྒྱལ་ཁབ་དེར་ ཨ་སྒོར་ཐེར་འབུམ་བཅུ་ཙམ་གྱི་གྱོང་གུན་ཆགས་ཡོད་པ་མ་ཟད་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མང་ཚོགས་ཀྱི་འཚོ་བར་དགོས་གལ་ཆེ་བའི་ཡུལ་སྐོར་སྤྲོ་འཆམ་ལས་གཞི་ནུས་མེད་དུ་གྱུར་ཡོད་པས་ བསྐྱར་འཛུགས་ཀྱི་ལས་དོན་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་རྒྱུ་ཡིན་པ་ཁྱད་མཁས་པ་ཚོས་སེམས་ཁྲལ་གནང་གི་ཡོད་པ་སོགས་ གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG