ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གློག་བརྙན་འཁྲབ་སྟོན་པས་ཡུལ་སྐོར་བ་ཚོར་བལ་ཡུལ་ལ་སྐྱོད་དགོས་པའི་འབོད་སྐུལ།


ཨ་མི་རི་ཀའི་ཧོ་ལི་ཝུ་ཊི་གློག་བརྙན་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མྱོང་ཡོད་པ་སུ་སན་ ས་རན་ཊོན་ཟླ་བ་སྔོན་མ་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་ཡུལ་བལ་ཡུལ་ལ་ཉིན་གྲངས་ལྔའི་རིང་ལྟ་ཞིབ་བྱེད་དུ་བསྐྱོད་དེ་ རྒྱལ་ས་ཀ་ཐ་མན་སྡུའི་ཕྱི་ཕྱོགས་ཀྱི་གྲོང་གསེབ་ས་ཁུལ་ཞིག་གི་མང་ཚོགས་དང་ཐུག་འཕྲད་བྱས་ཡོད་པ་མ་ཟད་ ཁོང་གིས་བལ་ཡུལ་གྱི་ནང་གང་སྤྱིའི་འཛུགས་བསྐྲུན་སླར་གསོའི་ལས་དོན་གྱི་ཆེད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་བྱེད་དུ་སྐྱོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

XS
SM
MD
LG