ངོ་འཕྲད་བདེ་བའི་དྲ་འབྲེལ།

མྱུལ་ཞིབ་གནམ་གྲུ་འཕུར་བསྐྱོད་བྱས་པའི་ཐད་རྒྱ་ནག་གིས་ཨ་མི་རི་ཀར་སྐྱོན་བརྗོད།


རྒྱ་ནག་དང་རྒྱལ་ཁབ་གཞན་མང་པོ་ བདག་དབང་གི་ཐད་ལ་རྩོད་གླེང་བྱེད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་ ཨ་མི་རི་ཀའི་མྱུལ་ཞིབ་གནམ་གྲུ་ཞིག་འཕུར་བསྐྱོད་བྱས་པར་ རྒྱ་ནག་གཞུང་བློ་ཡིད་མི་བདེ་བ་ཆེན་པོ་བྱུང་སྟེ་ ཨ་མི་རི་ཀའི་གཞུང་ལ་སྐྱོན་བརྗོད་བྱས་པ་ཡིན་ཞེས་ གཟའ་ཟླ་བའི་ཉིན་རྒྱ་ནག་གི་གཞུང་འབྲེལ་མི་སྣས་བརྗོད་ཡོད་པ་རེད་ འདི་ནི་ ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་ དེང་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་རྩོད་གླེང་ཡོང་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་བྱུང་བ་ཞིག་ཀྱང་ཡིན་ཞིང་ རྒྱ་ནག་གིས་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་རྩོད་གླེང་བྱེད་པའི་མཚོ་བརྒྱུད་དེར་ རང་འབྱུང་མིན་པའི་གླིང་ཕྲན་དེ་འདྲ་འཛུགས་བསྐྲུན་བྱ་རྒྱུས་མཚོན་པས་ འཛུགས་བསྐྲུན་གྱི་ལས་གཞི་རྒྱ་ཆེ་ཞིག་གཉེར་གྱི་ཡོད་པ་དེ་དག་མཚམས་འཇོག་བྱེད་དགོས་པ་ཡིན་ཞེས་ ཨ་མི་རི་ཀས་དགོས་འདུན་འདོན་གྱི་ཡོད་ཀྱང་ དེ་ལ་རྒྱ་ནག་གིས་ཉེན་འཇོག་གཏན་ནས་བྱེད་ཀྱི་མེད་པ་རེད།

XS
SM
MD
LG