ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཆོས་ལུགས་ཐོག་ཕྱི་རྒྱལ་གྱི་གནོན་ཤུགས་མེད་པ་བཟོ་རྒྱུའི་དམིགས་ཡུལ།


ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཇི་པིང་གིས་ ཡུལ་གྱི་ ནང་ཡོད་པའི་ཆོས་ལུགས་ཚོགས་སྡེ་ཁག་གིས་ རྒྱལ་ཁབ་ལ་ལྷག་བསམ་རྣམ་དག་དང་ཤ་ཞེན་ཡོད་པ་ཁས་ལེན་བྱེད་དགོས་པ་དང་ རྒྱ་ནག་ནང་ཡོད་པའི་ཆོས་ལུགས་ཁག་ལ་ཕྱི་རྒྱལ་གྱི་གནོན་ཤུགས་མེད་པ་ངེས་པར་དུ་བཟོ་དགོས་པའི་ཉེན་བརྡ་ཡང་བཏང་འདུག ད་ལྟའི་དུས་འདིར་རྒྱ་ནག་ནང་ཡོད་པའི་ཡི་ཤུའི་ཆོས་དད་པའི་གྲངས་འབོར་ནི་ དམར་ཤོག་ཚོགས་མི་ལས་ཀྱང་ཧ་ཅང་མང་བ་ཡོད་པའི་སྐབས་འདིར་ ཆོས་ལུགས་ཚོགས་སྡེར་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་འགའ་ཞིག་གིས་རྗོད་ཀྱི་ཡོད་པ་སོགས་ གསར་འགོད་པ་བྷིལ་ ཨའི་རྡི་གྱིས་ རྒྱལ་ས་པེ་ཅིང་ནས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG