ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིས་ཅིན་ཕིང་གིས་ཉི་ཧོང་གི་སྐུ་ཚབ་ཚོགས་པ་ཞིག་ལ་ཐུག་འཕྲད།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཉི་ཧོང་བ་སྟོང་ཕྲག་༣་ལ་ཐུག་འཕྲད་བྱས་ཏེ། ཁོང་གིས་རྒྱ་ནག་དང་ཉི་ཧོང་མི་དམངས་གཉིས་ལ་དུས་ཡུན་རིང་པོའི་འབྲེལ་གཏུག་གི་ལོ་རྒྱུས་ཡོད། མ་འོངས་པར་རྒྱ་ནག་དང་ཉི་ཧོང་གི་འབྲེལ་བ་ཁ་ཕྱོགས་གང་ལ་འགྱུར་རྒྱུ་ཡིན་མིན་ཡང་ཕྱོགས་གཉིས་ཀྱི་མི་དམངས་ལ་ཐུག་ཡོད། མཛའ་འབྲེལ་དང་ཞི་བདེ་ནི་ཉི་ཧོང་དང་རྒྱ་ནག་མི་དམངས་གཉིས་ཀྱི་མངོན་འདོད་ཡིན་པས། རྒྱ་ནག་དང་ཉི་ཧོང་གི་མཛའ་འབྲེལ་དེས་ཕྱོགས་གཉིས་ཀྱི་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་བྱུང་ཡོད་པ་མ་ཟད། ཨེ་ཤི་ཡ་དང་འཛམ་གླིང་སྤྱི་ཡོངས་ལའང་ཕན་ཐོགས་བྱུང་ཡོད། ང་ཚོ་ཕྱོགས་གཉིས་ཀར་ཉི་ཧོང་དང་རྒྱ་ནག་གི་མཛའ་འབྲེལ་འདི་གཅེས་འཛིན་བྱ་དགོས་པའི་ལས་འགན་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG