ངོ་འཕྲད་བདེ་བའི་དྲ་འབྲེལ།

བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་བརྒལ་ཏེ་ཕྱིན་ཡོད་པ།


བུད་མེད་ཀྱི་ཐོབ་ཐང་དོན་གཉེར་བ་སུམ་ཅུ་ལས་གྲུབ་པའི་སྒྲིག་འཛུགས་ཤིག་གིས་ཞི་བདེ་དར་སྤེལ་གཏོང་རྒྱུའི་ཆེད་དུ་ལྷོ་བྱང་ཀོ་རི་ཡ་གཉིས་དམག་མཚམས་འཇོག་སའི་ས་མཚམས་བརྒལ་ཏེ་བསྐྱོད་ཡོད་པ་དང་ དེ་ཡང་བུད་མེད་ཀྱི་ཐོབ་ཐང་དོན་གཉེར་ཅན་ཨ་མི་རི་ཀ་བ་གྷོ་ལོ་རི་ཡ་ ས་ཊི་ནེམ་གྱིས་སྣེ་ཁྲིད་པའི་གོང་ཞུས་སྒྲིག་འཛུགས་ཀྱི་བུད་མེད་དེ་དག་སྤྱི་སྤྱོད་རླངས་འཁོར་ཞིག་གི་ནང་བྱང་ཀོ་རི་ཡ་ནས་ལྷོ་ཀོ་རི་ཡའི་ས་མཚམས་བར་བསྐྱོད་ཡོད་ཀྱང་ དེ་སྔ་༡༩༥༣ ལོར་ལྷོ་བྱང་ཀོ་རི་ཡ་གཉིས་དམག་མཚམས་འཇོག་སའི་ས་མཚམས་ས་ཁུལ་བརྒྱུད་དེ་གོམ་བགྲོད་བྱས་པའི་སྐབས་ཁོང་རྣམས་བཀག་འགོག་བྱས་ཡོད་པ་རེད།

XS
SM
MD
LG