ངོ་འཕྲད་བདེ་བའི་དྲ་འབྲེལ།

སི་རི་ཡའི་གནའ་ཤུལ་རྩ་ཆེན་པལ་མཱི་ར་དྲག་སྤྱོད་གཏོར་ཉེན།


དེང་སྐབས་དཀྱིལ་ཤར་ས་ཁུལ་གྱི་ཡུལ་གྲུ་སི་རི་ཡ་དང་ཨི་རཀ་གི་ས་ཁོངས་རྒྱ་ཆེན་པོ་ཞིག་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་བཟུང་ནས་རྩ་བ་ཚུགས་ཡོད་པ་དང་། གཟའ་འཁོར་འདིར་སི་རི་ཡའི་གནའ་མཁར་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་པལ་མཱི་རའི་གནའ་ཤུལ་རྩ་ཆེན་དེ་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པས་བླངས་ཡོད་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་མི་མང་པོ་ཞིག་གིས་པལ་མཱི་ར་གྲོང་ཁྱེར་གྱི་གནའ་ཤུལ་རྩ་ཆེན་དེ་དྲག་སྤྱོད་པ་ཚོས་རྩ་གཏོར་གཏོང་སྲིད་པའི་བློ་འཚབ་ཆེན་པོ་ཡོད་པ་མ་ཟད། ཟླ་ཤས་གོང་དུ་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་ཨི་རཀ་གི་མོ་སུལ་གྲོང་ཁྱེར་གྱི་འགྲེམ་སྟོན་ཁང་གི་གནའ་རྫས་མང་པོ་གཏོར་བཤིག་དང་རྩ་མེད་བཏང་ཡོད་པ་རེད། ད་དུང་ཨི་རཀ་གི་རཱ་མ་རྡའི་གྲོང་ཁྱེར་གྱི་ཤར་ཕྱོགས་ཁུལ་དུའང་ཨི་རཀ་གི་གཞུང་དམག་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG