ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ཚོར་འཐབ་ཕྱོགས་གཅིག་གྱུར།


གཟའ་ལྷག་པའི་ཕྱི་དྲོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་རྒྱལ་ཡོངས་ཚོགས་ཆེན་ལ་གཏམ་བཤད་བྱས་ཏེ། ཁོང་གིས་ན་གཞོན་ཆེད་ལས་པ་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་ལངས་ཕྱོགས་བཟུང་ནས་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་ལེགས་སྐྱེས་འབུལ་དགོས་པ་དང་། ད་ལྟ་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་སྲིད་པའི་གནོན་ཤུགས་ཐེབས་བཞིན་འདུག ང་ཚོས་ཕྱི་རྒྱལ་ན་ཡོད་པའི་ཤེས་ཡོན་ཅན་རྩེ་ཕུད་དེ་དག་འགུགས་ཐབས་བྱ་རྒྱུ་རྒྱལ་ཁབ་ཀྱི་ཛ་དྲག་དགོས་མཁོ་ཞིག་ལ་གྱུར་ཡོད། ན་གཞོན་ཚོ་རྒྱ་ནག་གཞུང་གིས་དམིགས་པ་གཏོད་ས་གཙོ་བ་དེ་ཡིན། རྒྱ་ནག་གི་ན་གཞོན་ཚོ་ཕྱི་རྒྱལ་ལ་སློབ་སྦྱོང་དུ་འགྲོ་དགོས་པ་མ་ཟད། ཁོ་ཚོ་སློབ་སྦྱོང་ཐོན་པའི་རྗེས་སུ་སླར་ཡང་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པ་དང་། ཕྱི་རྒྱལ་ནས་སྦྱངས་པའི་ཤེས་ཡོན་དེས་རྒྱ་ནག་མི་དམངས་ལ་ཞབས་འདེགས་ཞུ་དགོས། སྲིད་གཞུང་གི་འབྲེལ་ཡོད་ཚན་པ་ཁག་གིས་དམར་ཤོག་ཚོགས་པའི་ཚོགས་མི་མིན་པའི་ཤེས་ཡོན་ཅན་ཚོར་བསམ་བློའི་སློབ་གསོ་བཏང་སྟེ། སྒེར་གཉེར་དཔལ་འབྱོར་ཚན་པ་ཁག་གི་ན་གཞོན་ཚོར་འཐབ་ཕྱོགས་གཅིག་གྱུར་བྱ་དགོས་པ་དང་། རྒྱ་ནག་གཞུང་གིས་སྒེར་གཉེར་དཔལ་འབྱོར་ཚན་པ་ཁག་གི་ངོ་ཚབ་ཀྱང་མཚོན་ཐབས་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG