ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་ཕྱི་སྐྱོད་ལག་འཁྱེར་སྤྲོད་ཀྱི་མེད་པ།


རྒྱ་ནག་གཞུང་གིས་བོད་པ་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་པ་ཚོ་ཕྱི་རྒྱལ་ལ་བསྐྱོད་ཆོག་པའི་ཕྱི་སྐྱོད་ལག་འཁྱེར་སྤྲོད་བྱེད་ཀྱི་མེད་པའི་གནས་ཚུལ་རིམ་པ་ཞིག་ཐོན་བཞིན་ཡོད་ཅིང་། བོད་པ་ཚོ་ཕྱི་ལ་ཚོང་དོན་དང་ཡུལ་སྐོར་སྤྲོ་འཆམ་། དེ་བཞིན་སློབ་སྦྱོང་དང་རྒྱལ་སྤྱིའི་ཚོགས་འདུ་ཁག་ལ་འགྲོ་སྐྱོད་བྱ་རྒྱུར་ཕྱི་སྐྱོད་ལག་འཁྱེར་བཀག་ནས་འགྲོ་ཐུབ་ཀྱི་མེད་པ་ཟད། བོད་པ་དང་ཡུ་གུར་པ་ཚོར་ཕྱི་སྐྱོད་ལག་འཁྱེར་བཀྲམ་ཟིན་པ་རྣམས་ཀྱང་སླང་ཡང་འབྲེལ་ཡོད་པ་ས་གནས་ཁག་ཏུ་ཕྱིར་བསྡུ་བྱས་འདུག ཉེ་ཆར་རྒྱ་ནག་གི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས། དབྱི་ལི་ཁུལ་གྱི་ས་གནས་སྤྱི་བདེ་ཉེན་རྟོག་པས་བརྡ་ཁྱབ་ཅིག་བཀྲམ་པ་དེར་འཁོད་པ་ལྟར་ན། ས་གནས་དེའི་མི་མང་གིས་ཕྱི་ཟླ་༥་ཚེས་༡༥་འགྱངས་མེད་རང་གི་ཕྱི་སྐྱོད་ལག་འཁྱེར་རྣམས་ས་གནས་གཞུང་ལ་རྩིས་སྤྲོད་བྱ་དགོས་པ་དང་། གལ་ཏེ་རྩིས་སྤྲོད་མ་བྱས་ན་ལག་འཁྱེར་དེ་དག་ནུས་མེད་བཟོ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་རུང་། རྒྱ་ནག་གཞུང་གིས་ས་གནས་མི་མང་གི་ཕྱི་སྐྱོད་ལག་འཁྱེར་ཕྱིར་བསྡུ་བྱ་དགོས་པའི་རྒྱུ་མཚན་ཅི་ཡིན་བརྡ་ཁྱབ་དེར་གསལ་བརྗོད་བྱས་མེད་པ་རེད།།

XS
SM
MD
LG