ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྱང་ཀོ་རི་ཡར་ཕེབས་རྒྱུ་ཕྱིར་འཐེན་གནང་བ།


བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་བཟོ་འདོན་ནུས་པ་ཆུང་དུ་གཏོང་ཐུབ་ཀྱི་ཡོད་ཅེས་གསལ་བསྒྲགས་བྱས་འདུག་པ་དང་། འདི་ནི་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡུལ་དེར་ཕེབས་རྒྱུ་ཡིན་པ་སྔོན་དུ་གསལ་བསྒྲགས་ཟིན་པ་ཕྱིར་འཐེན་གནང་རྗེས་སུ་གསལ་བསྒྲགས་བྱས་པ་ཞིག་ཡིན་ཞིང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་ཉེ་དུས་འཁྲུག་རྐྱེན་སློང་བའི་བྱེད་ཕྱོགས་དང་གནད་དོན་དེར་གྲོས་མོལ་བྱ་རྒྱུར་ཕྱི་བཤོལ་བྱས་པ་བཅས་ཀྱིས་འགྲིགས་འཇགས་ཀྱི་འབད་བརྩོན་འཕྲུ་སློག་གཏོང་ཉེན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱང་ཐག་རིང་དུ་གཏོང་གི་ཡོད་པ་རེད།

XS
SM
MD
LG