ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་བློན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་༤་ལ་མཚམས་འདྲིར་ཕེབས་པ།


རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བཞི་ལ་མཚམས་འདྲིར་ཕེབས་རྒྱུ་འགོ་ཚུགས་ཡོད་པ་དང་། ད་ཐེངས་ཀྱི་མཚམས་འདྲིར་ཕེབས་ཡུལ་དང་པོ་དེ་བྷར་ཛིལ་ཡིན་ཞིང་། ལི་ཁེ་ཆང་བྷར་ཛིལ་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་རུང་རྒྱ་ནག་དང་བྷར་ཛིལ་གཉིས་ལ་དཔལ་འབྱོར་འབྲེལ་བ་དམ་ཟབ་ཡོད་པས། ཐེངས་འདིར་ཨ་སྒོར་དུང་ཕྱུར་༥༣༠་ཙམ་གྱི་ཚོང་ལས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཡོད་པ་དང་། རྒྱ་ནག་གིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་མ་རྩ་འཛུགས་འཇོག་གི་སྒྲོམ་གཞི་ལ་འགྱུར་ལྡོག་ཡོང་བཞིན་ཡོད་མོད། འོན་ཀྱང་མཁས་པ་ཚོས་ལཱ་ཏིང་ཨ་མི་རི་ཀའི་ཁོར་ཡུག་དང་སྤྱི་དམངས། སྤྱི་ཚོགས་དང་ཚོགས་སྡེ་ཁག་སྲིད་གཞུང་གི་གང་བཤད་ལ་ཉན་མཁན་ཞིག་མིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་པ་རེད།།

XS
SM
MD
LG