ངོ་འཕྲད་བདེ་བའི་དྲ་འབྲེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བལ་ཡུལ་གཞུང་ལ་ཉེ་ཆར་བལ་ཡུལ་ལ་ས་ཡོམ་གྱི་གོད་ཆག་ཐེངས་གཉིས་བྱུང་བར་བརྟེན། སླད་ཕྱིན་བལ་ཡུལ་ལ་བསྐྱར་གསོའི་འཛུགས་སྐྲུན་བྱེད་དུས་སྔོན་ཆད་ས་ཡོམ་གྱི་གོད་ཆག་བྱུང་བའི་ཉམས་མྱོང་ཡོད་པའི་ལྷོ་་ཨ་མི་རི་ཀའི་ཡུལ་གྲུ་མེཀ་སཱི་ཀོའི་ཁང་པ་གསར་རྒྱག་བྱེད་སྟངས་ལ་མིག་དཔེ་བལྟས་ཏེ། བལ་ཡུལ་གྱི་འཛུགས་སྐྲུན་ལ་སྒྲིག་གཞི་གཏན་འབེབས་བྱ་དགོས་ཞེས་ནན་སྐུལ་བྱས་འདུག་ཅིང་། དེ་བཞིན་རྒྱ་གར་གཞུང་གིས་ཀྱང་༢༠༠༡་ལོར་གུ་ཇི་རཏ་མངའ་སྡེར་ས་ཡོམ་གྱི་གོད་ཆག་བྱུང་བའི་གཞུག་ལ་ས་འགུལ་གྱི་འཇིག་པ་ཡོང་སྲིད་པའི་ས་གནས་ཁག་ལ་སྡོད་ཁང་གསར་རྒྱག་བྱེད་སྟངས་ཐད་ཀྱི་ཉམས་མྱོང་བྱུང་བ་ཁག་ཀྱང་བལ་ཡུལ་གྱི་བསྐྱར་གསོའི་འཛུགས་སྐྲུན་ལ་སྤེལ་ཆོག་ཅེས་ཁས་ལེན་བྱས་ཡོད་པ་རེད།།

XS
SM
MD
LG