ངོ་འཕྲད་བདེ་བའི་དྲ་འབྲེལ།

དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་བཞིའི་རིང་ལ་གསུང་ཚོས་གནང་བ་ལེགས་གྲུབ་བྱུང་སྟེ། གསུང་ཆོས་ཀྱི་ཉིན་མཐའ་མ་སྟེ། ཕྱི་ཟླ་ལྔ་པའི་ཚེས་༡༣ ཉིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཁྱད་པར་དུ་བོད་གངས་ཅན་པའི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་མི་ཞིག་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་ཤིག་བསྟར་འབུལ་ཞུས་ཡོད་པ་རེད།།

XS
SM
MD
LG