ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་ནང་བསྐྱར་དུ་ས་ཡོམ་བརྒྱབ་པ།


བལ་ཡུལ་ནང་ས་ཡོམ་གྱི་འཇིགས་པ་བྱུང་ཏེ་བདུན་ཕྲག་གསུམ་ཙམ་ལས་ཕྱིན་མེད་པའི་སྐབས་འདིར། དེ་རིང་རེས་གཟའ་མིག་དམར་ཉིན་འགུལ་ཚད་རིམ་པ་༧༌༣ ཅན་གྱི་ས་ཡོམ་ཞིག་བསྐྱར་དུ་བརྒྱབ་ནས་ས་གནས་མི་མང་རྣམས་ཅི་བྱ་གཏོད་མེད་ཐོག་ཁང་པའི་ཕྱི་ལ་ཐོན་ཏེ་འཇིགས་སྣང་འོག་གནས་ཡོད་འདུག རྐྱེན་ངན་གོད་ཆག་འདིའི་འོག་མི་༢༤་ཡས་མས་རྐྱེན་ལམ་དུ་སོང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་མ་ཟད། བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་བོད་དང་རྒྱ་གར་གཉིས་སུའང་ས་ཡོམ་དེ་བརྒྱབ་ནས། བོད་ཀྱི་ས་ཁུལ་སྐྱིད་གྲོང་དང་འགྲམ་སོགས་ཀྱི་ནང་ཆག་སྒོ་བྱུང་ཡོད་པ་ནང་ལྟར། ཤར་ཁམ་བུ་ས་ཁུལ་གྱི་ནང་པའི་དགོན་པ་ཞིག་ལ་གཏོར་སྐྱོན་བྱུང་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG