ངོ་འཕྲད་བདེ་བའི་དྲ་འབྲེལ།

ང་ཚོས་སྐབས་རེར་འཛམ་གླིང་ནང་དུ་གཞན་ཕན་སྒྲུབ་མཁན་དང་རླབས་ཆེན་གྱི་མཛད་རྗེས་བཞག་པའི་གྲགས་ཅན་མི་སྣ་ཁག་གི་ལོ་རྒྱུས་སྙིང་བསྡུས་རེ་རྒྱང་སྲིང་ཞུ་བཞིན་ཡོད་ཅིང་། ད་རིང་གི་ལས་རིམ་ནང་དུ་ཇར་མན་ཎིར་འཁྲུངས་པའི་དུས་རབ་༢༠་པའི་ཚན་རིག་པ་སྙན་གྲགས་ཅན་དང་བྱས་རྗེས་ཅན་ཨལ་བྷར་ཊི་ཨེ་དབྱིན་སི་ཐན་གྱི་ལོ་རྒྱུས་སྙིང་བསྡུས་ཤིག་ཞུ་རྒྱུ་ཡིན། སྐུ་ཞབས་ཨེ་དབྱིན་སི་ཐན་ཚན་ནི་རིག་པ་མཁས་པ་ཞིག་ཡིན་པ་མ་ཟད། ཁོང་འཛམ་གླིང་ཞི་བདེ་དང་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་བཅས་པ་རྩོད་ལེན་ཤུགས་ཆེན་གནང་མཁན་ཞིག་ཀྱང་ཡིན་པ་རེད།།

XS
SM
MD
LG