ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་པའི་ཟིན་བྲིས་དེ་ཕྱིར་བསྒྲགས་བྱས་ཡོད་ཅིང་། གཟའ་ལྷག་པའི་ཕྱི་དྲོར་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཁྲིམས་ལུགས་གསར་པའི་ཟིབ་བྲིས་དེ་ལ་མི་མང་གི་བསམ་འཆར་མཉན་རྒྱུའི་ཆེད་དུ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་དྲ་རྒྱའི་ཐོག་ལ་བཀོད་ཡོད་པ་དེ་ནི་ད་བར་དུ་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་ལུགས་ཕྱིར་བསྒྲགས་བྱས་པ་ཐེངས་དང་པོ་ཡིན་པ་དང་། རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཁྲིམས་ལུགས་གསར་པ་དེའི་ནང་དུ་ཆབ་སྲིད་དང་དཔལ་འབྱོར་གྱི་དགོས་མཁོ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བདག་དབང་དང་དམག་དོན་གྱི་དགོས་མཁོ་སྲུང་སྐྱོབ། དེ་བཞིན་དྲ་རྒྱ་དང་བསམ་བློིའི་དཔལ་ཡོན། ཆོས་ལུགས་ཁྱབ་ཁོངས་སོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཕྱོགས་ཁག་བཀོད་ཡོད་པ་རེད།།

XS
SM
MD
LG