ངོ་འཕྲད་བདེ་བའི་དྲ་འབྲེལ།


ཕྱི་ཟླ་༥་ཚེས་༧་ཉིན་དབྱིན་ཇི་རྒྱལ་ཡོངས་སུ་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་པ་དང་། ད་ལྟ་བི་བི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། དབྱིན་ཇིའི་གྲོས་ཚོགས་འོག་མར་འཐུས་མི་༦༥༠་ཐམ་པའི་ས་མིག་ཡོད་པ་དེའི་ཁོངས་སུ་གཞུང་འཛིན་རྙིང་ཞེན་ཚོགས་པར་འཐུས་མི་༣༣༡་དང་ལས་རྩོལ་ཚོགས་པར་འཐུས་མི་༢༣༢། སི་ཀོ་ཊི་ཤི་རྒྱལ་ཡོངས་ཚོགས་པར་འཐུས་མི་༥༦་དང་དམངས་གཙོ་གུ་ཡངས་ཚོགས་པར་འཐུས་མི་བརྒྱད། དམངས་གཙོ་མཉམ་འབྲེལ་ཚོགས་པར་འཐུས་མི་༨་དང་སྲིད་དོན་ཚགས་པ་གཞན་པ་དང་མི་སྒེར་པ་བཅས་ལ་འཐུས་མི་བཅོ་ལྔའི་གདན་གྲངས་ཐོབ་སྟེ། ལས་རྩོལ་ཚོགས་པའི་འགོ་ཁྲིད་མཱི་ལ་བྷན་དང་དམངས་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་ཎིཀ་ཁུ་ལེ་གྷེ་སོགས་རང་གི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཀྱི་མཚན་གནས་ནས་དགོངས་པ་ཞུས་པ་དང་། ལས་རྩོལ་ཚོགས་པའི་འགོ་ཁྲིད་མཱི་ལ་བྷན་གྱིས་ཐེངས་འདིའི་འོས་འདེམས་ཀྱི་གྲུབ་འབྲས་ཧ་ཅང་གི་བློ་ཕམ་ཞིག་ཡིན། ང་ཚོར་ཨིན་ལན་དང་ཝེལ་སི། སི་ཀོ་ཊི་ལན་ཌི་བཅས་སུ་འཐོབ་དགོས་པའི་འོས་ཤོག་དེ་རྣམས་ཐོབ་མ་སོང་བའི་འགན་འཁྲི་ང་ལ་ཡོད་ཅེས་བཤད་པ་དང་། དམངས་གཙོ་གུ་ཡངས་ཚོགས་པའི་འགོ་ཁྲིད་ཎིཀ་ཁུ་ལེ་གྷེས་ཀྱང་ད་ཐེངས་ཀྱི་འོས་འདེམས་གྲུབ་འབྲས་ང་ཚོར་ཧ་ལས་པའི་ཕམ་ཉེས་ཆེན་པོ་ཞིག་ཡིན་ཞེས་སྡུག་སྐད་བརྒྱབ་ཡོད་པ་རེད།།

XS
SM
MD
LG