ངོ་འཕྲད་བདེ་བའི་དྲ་འབྲེལ།

སུད་སི་གྲོང་ཁྱེར་ཇི་ནེ་ཝའི་ནང་དུ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་མི་ཁྱིམ་ཚང་ཁག་ཅིག་གིས་བོད་དོན་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་གནང་ཡོད་པ་དང་། ཕྱི་ཚེས་དྲུག་ཉིན་སྤེལ་བའི་ལས་འགུལ་དེ་ནི་ད་བར་དུ་སྤེལ་བའི་ལས་འགུལ་ཐེངས་༤༡་པ་དེ་ཡིན་ཞིང་། ལས་འགུལ་དེའི་སྐབས་སུ་རྒྱལ་ཁབ་༣༡་ཙམ་གྱི་གཞུང་ཚབ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་སོགས་ཡིག་ཆ་ཁག་འབུལ་ཐུབ་ཡོད་པ་རེད།།

XS
SM
MD
LG