ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧི་ལ་རི་ཁེ་ལིན་ཊོན་གྱིས་ཕྱི་མི་གཞིས་ཆགས་པར་ཚོར་རྒྱབ་སྐྱོར།


ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་རྩོད་བྱེད་མཁན་ཧི་ལི་རི་ཁེ་ལིན་ཊོན་གྱིས་ཨ་མེ་རི་ཀར་འབྱོར་ཟིན་པའི་ཁྲིམས་མཐུན་གྱི་ལག་འཁྱེར་མེད་པའི་ཕྱི་མི་གཞིས་ཆགས་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་དང་། ཁོང་གིས་ཕྱི་མི་གཞིས་ཆགས་པ་ཚོར་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་སྲིད་འཛིན་ཨོ་བྷ་མའི་ལས་འཆར་དེ་དག་རྒྱ་བསྐྱེད་དེ། ཁོང་ཚོ་ཨ་མེ་རི་ཀའི་སྤྱི་དམངས་ལ་བསྒྱུར་པའི་བཅའ་ཁྲིམས་གཏན་འབེབས་ཀྱི་གྲོས་གཞི་ཁག་ལ་རྒྱབ་ སྐྱོར་བྱ་རྒྱུ་ཡིན་ལུགས་དང་། གཟའ་མིག་དམར་ཉིན་ཧི་ལ་རི་ཁེ་ལིན་ཊོན་གྱིས་རང་ལ་ཧི་སི་པན་ཎིཀ་མི་མང་འོས་ཤོག་འཕེན་མཁན་ཚོའི་རྒྱབ་སྐྱོར་འཐོབ་ཐབས་བྱས་ཡོད་པ་མ་ཟད། ཧི་ལ་རི་ཁེ་ལིན་ཊོན་༢༠༡༦་ལོར་དམངས་གཙོ་ཚོགས་པའི་ཨ་རིའི་སྲིད་འཛིན་འོས་མིར་འདེམས་ཐོན་ཡོང་བའི་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG