ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༧

བལ་ཡུལ་དོན་གཅོད་ཀྱིས་ས་ཡོམ་གྱི་གོད་ཆག་བྱུང་བའི་བོད་མི་ཚོར་ངལ་སེལ་ལས་འགུལ།


བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་བྱུང་བའི་ནང་ཡུལ་དེར་གནས་སྡོད་བྱེད་མཁན་བོད་མི་ཚོར་ཡང་དཀའ་ངལ་གཅིག་མཚུངས་བྱུང་ཡོད་པ་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་བོད་མི་ཚོའི་ཛ་དྲག་ངལ་སེལ་དང་གནོད་སྐྱོན་བྱུང་བའི་དགོན་པ་དང་མི་མང་སྡོད་ཁང་སོགས་འཛུགས་བསྐྲུན་སླར་གསོའི་ལས་དོན་བྱེད་ཕྱོགས་ལ་འཆར་འགོད་གནང་བཞིན་པ་མ་ཟད། དེའི་ཆེད་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཀྱང་ཆེད་འཛུགས་གནང་འདུག་པ་བཅས་ཀྱི་སྐོར་ལ་བལ་ཡུལ་སྐུ་ཚབ་དོན་གཅོད་རྟ་མགྲིན་ཚེ་རིང་ལགས་སུ་རྣམ་རྒྱལ་ཤཱསྟྲིས་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG