ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་ཡོམ་གྱི་གནོད་སྐྱོན་ཕོག་པ་ཚོར་བོད་པས་གདུང་སེམས་མཉམ་སྐྱེད།


ད་ལམ་བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་ཅིག་ལ་ས་ཡོམ་ཚབས་ཆེན་ཞིག་བྱུང་སྟེ། མི་ཁྲི་ཚོ་གཅིག་ཡས་མས་ཤིག་ལ་སྲོག་སྐྱོན་དང་རྨས་སྐྱོན་བྱུང་ཡོད་སྟབས། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་པ་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ཏུ་ས་ཡོམ་གྱི་གནོད་འཚེ་ཕོག་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ལས་དོན་མང་པོ་ཞིག་སྤེལ་བཞིན་ཡོད་ཅིང་། དེ་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་༢༥་ཉིན་བལ་ཡུལ་ལ་ས་ཡོམ་ཧ་ཅང་གཏོར་ཚབས་ཅན་ཞིག་བྱུང་སྟེ་། ད་སྔ་མི་གྲངས་༧༠༠༠་ལྷག་ལ་སྲོག་སྐྱོན་བྱུང་འདུག་ཅེས་བལ་ཡུལ་གཞུང་གིས་གཏན་བྱུང་བ་དང་གྲངས་༡༤༠༠༠་ལ་རྨས་སྐྱོན་ཕོག་པ། ད་དུང་མི་གྲངས་ཧ་ཅང་མང་པོ་ཞིག་འཆི་གསོན་ཅི་ཡིན་རྩད་གཅོད་མ་ཐུབ་པར་གར་སོང་མེད་པར་གྱུར་འདུག་ཅེས་བལ་ཡུལ་གྱི་ནང་སྲིད་ལྷན་ཁང་གིས་གསལ་བསྒྲགས་སྤེལ་འདུག དེར་བརྟེན་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་པའི་ཚོགས་སྐྱིད་ཁག་དང་དགོན་སྡེ་ཁག གྲྭ་བཙུན་མང་ཆེ་བ་ས་ཡོམ་གྱི་གནོད་སྐྱོན་ཕོག་ས་ཁག་ལ་ཆེད་སྐྱོད་ཀྱིས་དཀའ་སྡུག་འོག་ཏུ་ལྷུང་བའི་བལ་བོའི་མི་མང་ལ་ཛ་དྲག་གི་ངལ་སེལ་རོགས་སྐྱོར་ཚ་ཚ་འུར་འུར་མཁོ་སྤྲོད་གནང་བཞིན་པའི་འདྲ་པར་དང་བརྙན་འཕྲིན་མང་པོ་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་ཡོད་པ་མ་ཟད། ས་ཡོམ་གྱི་གནོད་སྐྱོན་ཕོག་པའི་བལ་ཡུལ་དང་བོད་ནང་གི་བོད་པ་ཚོའི་ཆེད་དུ་འཛམ་གླིང་གང་སའི་བོད་པ་ཚོས་སྨོན་ལམ་འདོན་པ་དཔལ་འབྱོར་འདུ་འགོད། སྨན་བཅོས་དང་བཟའ་འབྲུའི་དགོས་མཁོ་སྒྲུབ་གྱིན་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG