ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བལ་ཡུལ་གྱི་ས་ཡོམ།


ཉེ་ཆར་གཟའ་སྤེན་པའི་ཉིན་བལ་ཡུལ་ས་ཡོམ་གྱི་རྐྱེན་ངན་ གོད་ཆག་བྱུང་སྟེ་མི་༦༢༠༠་ལྷག་རྐྱེན་འདས་སུ་གྱུར་ཡོད་ཅིང་། ད་དུང་ཉིན་རེ་བཞིན་ཁང་པ་ཞིག་རོའི་འོག་ཏུ་མིའི་ཕུང་པོ་མང་པོ་ཞིག་ཕྱིར་འདོན་བྱས་པ་རྣམས་དུས་ཐོག་ཏུ་ཞུགས་འབུལ་བྱ་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ཉེན་སྐྱོབ་ལས་དོན་ལ་ཞུགས་པའི་དམག་དཔུང་ལ་ཁང་པ་ཞིག་རོའི་འོག་ནས་ཕྱིར་འདོན་བྱས་པའི་ཕུང་པོ་རྣམས་འཕྲལ་དུ་མེར་སྲེག་གཏོང་དགོས་ཞེས་བཀའ་བཀོད་བཏང་ཡོད་པ་དང་། བལ་ཡུལ་ལ་བྱུང་བའི་རྐྱེན་ངན་འདིར་ཕྱི་ནང་གང་སར་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད་པ་སྟེ། ཧོང་ཀོང་ལ་ལས་ཀ་འཚོལ་དུ་ཕྱིན་པའི་བལ་པོ་ཚོར་དེ་བས་ཀྱང་སེམས་འཚབ་་ཆེན་པོ་ཞིག་་ཡོང་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG