ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ལ་གཏམ་བཤད་གནང་སྟེ། ཁོང་གིས་ཉི་ཧོང་དང་ཨ་མི་རི་ཀའི་འབྲེལ་བ་དང་ལོ་རྒྱུས། ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར། ཉི་ཧོང་དང་ཨ་མི་རི་ཀའི་བདེ་འཇགས་སྲུང་སྐྱོབ། འཛམ་གླིང་དམག་ཆེན་གཉིས་པའི་ཉམས་མྱོང་སོགས་ལ་གཞི་བཞག་ནས་དུས་རབས་༢༡་པའི་དཀའ་ངལ་གསར་པ་ཁག་ལ་ཉི་ཧོང་དང་ཨ་མི་རི་ཀས་གདོང་ལེན་ཇི་ལྟར་བྱ་དགོས་མིན་དང་། སྲིད་བློན་ཨ་བྷེས་ཉི་ཧོང་དང་ཨ་མི་རི་ཀར་དམངས་གཙོ་དང་རང་དབང་། ཁྲིམས་སྐྱོང་བཅས་ཀྱི་ཐུན་མོང་གི་ཁྱད་ཆོས་ལྡན་པ་དང་། ཁོང་སྔོན་ཆད་ཁེ་ལི་ཧྥོ་ཎི་ཡར་སློབ་སྦྱོང་ལ་ཕེབས་པའི་སྐབས་སུ་ཨ་མི་རི་ཀའི་རང་དབང་དང་དམངས་གཙོའི་ལྟ་གྲུབ་ཁག་ལ་དང་ལེན་ཇི་ལྟར་བྱས་ཡོད་མེད་སོགས་སྐུ་སྒེར་གྱི་ཉམས་མྱོང་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་དང་ཨ་མི་རི་ཀ་དགྲ་ཁ་གཏད་ལ་གྱུར་རུང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་པའི་རྗེས་སུ་ཉི་ཧོང་གིས་ཨ་མི་རི་ཀར་མཐུན་གྲོགས་བསྒྲིགས་པ་བཅས་ལ་གཏམ་བཤད་ལྷུག་པོ་གནང་ཡོད་པ་རེད།

XS
SM
MD
LG