ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དང་ཀྱི་བོད་ས་མཚམས་ཁུལ་གྱི་གནས་སྟངས།


གཟའ་འཁོར་སྔོན་མ་བལ་ཡུལ་ནང་། ས་ཡོམ་འགུལ་ཚད་བདུན་དང་ཚགས་དགུ་བྱས་པ་ཞིག་བྱུང་སྟེ། ད་ཕན་ཤེས་རྟོགས་བྱུང་བར་མི་གྲངས་སྟོང་ཕྲག་ལྔ་ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་དང་། མི་གྲངས་ཁྲི་གཅིག་ལྷག་ལ་རྨས་སྐྱོན་བྱུང་ཡོད་པ། དེ་བཞིན། མི་གྲངས་སྟོང་ཚོ་མང་པོ་སྡོད་ཁྱིམ་མེད་པར་གྱུར་ཡོད་ལུགས་ བལ་ཡུལ་ས་གནས་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག་ཅིང་། བལ་ཡུལ་ནང་ཧ་ཅང་བསྟོར་ཚབས་ཆེ་བའི་ས་ཡོམ་དེ་བྱུང་བ་དང་དུས་མཉམ་དུ། བོད་དང་། དེ་བཞིན་རྒྱ་གར་གྱི་ཧི་མ་ལའི་མངའ་ཁུལ་གྱི་ས་ཁུལ་མང་པོར་ཡང་ས་ཡོམ་བྱུང་སྟེ་། མིའི་ཚེ་སྲོག་དང་རྒྱུ་དངོས་ལ་གནོད་སྐྱོན་གང་འཚམས་ཆེན་པོ་བྱུང་འདུག་ཅིང་། བོད་ཀྱི་མཐའ་མཚམས་འགྲམ་དང་ཉེ་འཁོར་གྱི་གྲོང་གསེབ་ཁག་ལ་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་སྟེ། ས་གནས་ཀྱི་མི་རྣམས་ལ་ད་དུང་ཡང་དཀའ་ངལ་མང་དག་འཕྲད་མུས་ཡིན་ཞིང་། ད་ལྟའི་ཆར་འགྲམ་ཁུལ་ལ་གནས་འཁོད་མི་རྣམས་བོད་ཀྱི་གཉའ་ལམ་དང་ལྷ་རྩེ་ཁུལ་ལ་གནས་སྤོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག། དེ་བཞིན་ བལ་ཡུལ་ས་མཚམས་ཁུལ་ལ་རྟེན་གཞི་བྱས་པའི་སྐྱབས་རྗེ་སེང་གེ་བྲག་རིན་པོ་ཆེའི་དགོན་པ་དང་། སྒྲུབ་གྲ་ བཙོན་དགོན་གསུམ་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག། བཙུན་མ་དང་དགེ་འདུན་པ་ཞལ་གྲངས་ཁྱོན་༢༥༠ ལྷག་ཡོད་པའི་དགོན་པ་དང་བཙུན་དགོན་གཉིས་ཀྱི་འདུ་ཁང་དང་ རིན་པོ་ཆེའི་གཟིམ་ཆུང་ མ་ནེ་ལྷ་ཁང་ བཙུན་མ་དང་དགེ་འདུན་པའི་ཤག་ཧ་ལམ་ཡོངས་རྫོགས་འཐོར་ཞིག་ཕྱིན་སྟེ་། ས་གནས་ས་ཐོག་ལ་ཁ་པར་ཀྱི་ཐོག་ནས་ཀྱང་འབྲེལ་བ་བྱེད་ཐུབ་རྒྱུ་དཀའ་ཚེགས་ཆེན་པོ་ཆགས་ཡོད་པའི་སྐོར་ བལ་ཡུལ་ནང་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG