ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་རན་དང་འབྲེལ་བའི་ཁྲིམས་གཞི་ཞིག་ལ་ཨ་རིའི་གྲོས་ཚོཊ་གོང་མས་མོས་མཐུན་བྱས་མེད་པ།


ཨི་རན་དང་རྡུལ་ཕྲན་གྱི་གྲོས་མཐུན་ཅི་འདྲ་ཞིག་བཞག་པ་ཡིན་རུང་། གྲོས་མཐུན་དེ་བཞིན་ཨ་མེ་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་གསུམ་ཆ་ གཉིས་ཀྱིས་དག་ཐེར་མི་བྱ་ཀ་མེད་ཆགས་པའི་རྒྱལ་སྤྱིའི་ཆིངས་མཐུན་ཞིག་ལ་ ངོས་འཛིན་བྱེད་དགོས་པའི་ཁྲིམས་གཞིའི་གྲོས་འཆར་ཞིག་ལ་ཨ་མེ་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཀྱིས་རེས་གཟའ་མིག་དམར་གྱི་ཉིན་མོས་ མཐུན་བྱས་མེད་པ་རེད། དེ་ཡང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Ron Johnson གྱིས། ཨི་རན་དང་རྡུལ་ཕྲན་གྱི་གྲོས་མཐུན་ཅི་འདྲ་ཞིག་བཞག་པ་ཡིན་རུང་། དེར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བསྐྱར་ཞིབ་བྱེད་དགོས་པའི་ལེགས་ བཅོས་ཀྱི་ཁྲིམས་གཞིའི་གྲོས་འཆར་དེར་གྲོས་ཚོགས་གོང་མའི་ནང་རྒྱབ་ སྐྱོར་བྱེད་མཁན་༣༩ དང་། དགག་པ་རྒྱག་མཁན་ ༥༧ གྱི་བར་ཁྱད་ཐོག་ནས་ མོས་མཐུན་བྱུང་མེད་པ་རེད།

XS
SM
MD
LG