ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་བཅོ་ལྔ་དམར་གསོད།


༢༠༡༥་འདིར་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱལ་ཁབ་དེའི་མཐོ་རིམ་འགོ་ཁྲིད་༡༥་ལ་སྲོག་ཁྲིམས་བཅད་ནས་བསད་ཡོད་ཅིང་། མི་དེ་དག་གི་ནག་ཉེས་གཙོ་བོ་ཀིམ་ཇུང་ཨུན་གྱི་དབང་ཚད་ལ་ཁ་གཏད་བཅགས་པ་རེད་ཅེས་གནས་ཚུལ་སྤེལ་རུང་། བྱང་ཀོ་རི་ཡའི་གཞུང་གིས་དམར་གསོད་བྱས་པའི་མཐོ་རིམ་འགོ་ཁྲིད་དེ་དག་གི་ཀིམ་ཇུང་ཨུན་གྱི་དབང་ཚད་ལ་ཁ་གཏད་ཇི་ལྟར་བཅགས་ཡོད་མེད་དང་། ཁོ་ཚོས་སྲིད་དབང་འཕྲོག་རྩིས་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་རྩད་གཅོད་ཐུབ་ཀྱི་མེད་པ་དང་། ད་ལོ་དམར་གསོད་བྱས་པའི་བྱང་ཀོ་རི་ཡའི་མཐོ་རིམ་འགོ་ཁྲིད་དེ་དག་གི་གྲས་སུ་ཤིང་ནགས་བློན་ཆེན་གཞོན་པ་ཚུད་འདུག་ཅེས་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG