ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་ཡེ་ཤུའི་ཆོས་དད་པར་སྡུག་སྦྱོང་བཏང་པའི་གནས་ཚུལ།


རྒྱ་ནག་ནང་གི་ཡེ་ཤུའི་ཆོས་དད་པ་དང་། དེ་མིན་གྱི་ཆོས་ལུགས་གཞན་ གྱི་རྗེས་འབྲང་པ་རྣམས་། སྔ་ལོའི་ནང་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ ནང་བྱུང་མྱོང་མེད་པའི་སྡུག་སྦྱོང་མནར་སྤྱོད་ཀྱི་དཀའ་སྡུག་ཚད་མེད་མྱངས་་ དགོས་བྱུང་ཡོད་པ་དེ་ནི། རྒྱ་ནག་གཞུང་གིས། གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་ མི་མཐུན་མཁན་རྣམས་ལ་གནོན་སྡོམ་བྱེད་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་ལུགས་ཡེ་ཤུའི་ཆོས་དད་པ་རྣམས་ཀྱི་ཐོབ་ཐང་ལ་ལྟ་རྟོག་བྱེད་མཁན་གྱི་ཚོགས་སྡེ་ཞིག་གིས་རྗོད་ཀྱི་ཡོད་པ་རེད། རྒྱ་ནག་གི་རོགས་སྐྱོར་ཚོགས་པ་ཞེས་པའི་སྒྲིག་འཛུགས་ཀྱིས་བརྗོད་དོན་ལྟར་ན། རྒྱ་ནག་གི་ནང་། ཆོས་ལུགས་ལ་དད་གུས་ཡོད་མཁན་རྣམས་དང་། འགྲོ་བ་མིའི་ ཐོབ་ཐང་དོན་གཉེར་བ་རྣམས་ལ་སྡུག་སྦྱོང་མནར་སྤྱོད་གཏོང་གི་ཡོད་པའི་ གནས་ཚུལ་ནི། སྔ་ལོའི་ནང་བརྒྱ་ཆ་ ༡༥༠ ལྷག་གི་འཕར་སྐྱེད་ཕྱིན་ཡོད་པ་རེད། རེས་གཟའ་མིག་དམར་གྱི་ཉིན་ལོ་རེའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། རྒྱ་ནག་གི་གཞུང་འབྲེལ་མི་སྣ་རྣམས་ཀྱིས། ཆོས་དད་ཡོད་མཁན་མི་གྲངས་ ཆིག་ཁྲི་བདུན་སྟོང་བརྒྱད་བརྒྱ་བརྒྱད་ཅུ་ལ་སྡུག་སྦྱོང་མནར་སྤྱོད་བཏང་ཡོད་པ་མ་ཟད། སྔ་ལོའི་ནང་། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ མི་གྲངས་སུམ་སྟོང་ལ་ཉེ་བ་ཞིག་དོ་དམ་བྱས་ཡོད་པ་ནས། མི་གྲངས་ཆིག་སྟོང་ ཉིས་བརྒྱ་བདུན་ཅུ་དོན་བཞིར་བཙོན་འཇུག་གི་ཁྲིམས་བཅད་བཏང་ཡོད་ པ་དང་བསྡུར་ན། ཕྱི་ལོ་༢༠༡༣་ལོའི་ནང་བཙོན་འཇུག་གི་ཉེས་ཆད་བཏང་བ མི་གྲངས་༡༢ ལས་བྱུང་མེད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG