ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་ལ་ཐུགས་གསོའི་ཕྱག་བྲིས་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་བྱུང་སྟེ་མི་ལ་འཆི་སྐྱོན་བྱུང་བ་དང་རྒྱུ་དངོས་ལ་གཏོར་སྐྱོན་བྱུང་བ་བཅས་ལ་ཐུགས་གསོའི་ཕྱག་བྲིས་གནང་འདུག་པ་མ་ཟད། ངལ་སེལ་ལས་དོན་ཆེད་ཏཱ་ལའི་བླ་མ་ཐེབས་རྩ་ནས་ཕྱག་དངུལ་ཞལ་འདེབས་གནང་རྒྱུ་ཡིན་ཞེས་གསུངས་འདུག དེ་ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཡིག་ཆེ་མོ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ཀྱིས་གསུངས་དོན་ལ་ ས་ཡོམ་གྱི་གནས་ཚུལ་གསན་མ་ཐག་རྐྱེན་འདས་སོང་བ་རྣམས་ཀྱི་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་གནང་བ་དང་། དེ་རྗེས་བལ་ཡུལ་གྱི་སྲིད་བློན་མཚན་ཐོག་ཕྱག་བྲིས་གནང་བའི་ནང་བལ་ཡུལ་དང་བོད་ནི་ལོ་རྒྱུས་ཀྱི་ཐོག་འབྲེལ་བ་ཡོད་པའི་མི་རིགས་གཉིས་ཡིན་པ་མ་ཟད། བར་ལམ་ནས་བལ་ཡུལ་ནང་བོད་མི་སྟོང་ཚོ་འགའ་ཞིག་འཚོ་གནས་བྱེད་བཞིན་པ་བཅས་འབྲེལ་བ་བཟང་པོ་ཡོད། ད་ལམ་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་འོག་མི་ལ་འཆི་སྐྱོན་དང་རྒྱུ་དངོས་ལ་བསྟོར་སྐྱོན་འཚབ་ཆེ་བྱུང་བར་ཐུགས་འཚབ་ཆེན་པོ་གནང་གི་ཡོད་ཅེས་གསུངས་ནས་ངལ་སེལ་ལས་དོན་ཆེད་དངུལ་འབོར་གང་འཚམས་ཤིག་ཞལ་འདེབས་གནང་གི་ཡིན་ཞེས་གསུངས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག དེ་བཞིན་བོད་ཀྱི་ས་ཁུལ་འགའ་ཞིག་ལའང་ས་ཡོམ་གྱི་གནས་ཚུལ་བྱུང་སྐོར་བོད་ནས་གནས་ཚུལ་སྙན་གསེང་བྱུང་བ་བཞིན་ཁོང་ཚོའི་ཆེད་ཐུགས་སྨོན་གནང་སོང་ཞེས་གསུང་གི་འདུག ཡང་བོད་མིའི་སྒྲིག་འཛུགས་ནས་ཀྱང་ཐུགས་གསོ་གནང་བ་མ་ཟད། ངལ་སེལ་ཆེད་བལ་སྒོར་འབུམ་༢༠གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG